Phende Shedrub Ling Buddhist Center
01/17/2025
Prayer of Sorrow for Dingri, Tibet
བོད་དིང་རིར་ཡིད་གདུང་གི་སྨོན་ལམ།
གངས་དཀར་མཐོན་མཐིང་རྒྱལ་མོའི་འདབས་ཆགས་པའི། །
ལ་སྟོད་དིང་རི་ཉེ་འཁོར་གྲོང་ཚོའི་ནང་།
འཇིགས་རུང་ས་ཡོམ་དྲག་པོས་སྐད་ཅིག་ཉིད། །
སྤུན་ཟླ་བརྒྱ་ཕྲག་བརྒལ་བའི་ཚེ་སྲོག་ཕྲོགས།
བརྩེ་བའི་གཉེན་ཉེ་མང་པོར་རྨས་གནོད་གྱུར། །
ཁང་ཁྱིམ་གྲངས་ལས་འདས་པ་ཐལ་རྡུལ་ལྷུང་། །
གཞིས་བཞུགས་གངས་ལྗོངས་མདོ་དབུས་ཁམས་གསུམ་གྱི། །
སྤུན་ཟླའི་བྱམས་བརྩེའི་ཆུ་ཁུར་རབ་འཁྲིགས་ནས། །
གཏོང་ཕོད་གོས་ཟས་དངུལ་དངོས་གྲུ་ཆར་བབས། །
འཇིག་སྐྱོབས་ཧུར་འབད་ལས་རྣམས་ངོ་མཚར་ཆེ། །
བྱེས་འཁོད་བདག་ཅག་བཟོད་མེད་སྐྱོ་གདུང་གནོན། །
མཆོག་གསུམ་ཐུགས་རྗེ་ཆེན་པོར་གསོལ་འདེབས་ངང་། །
ཚེ་འདས་གངས་ཅན་ཞིང་དུ་སྐྱེ་བར་སྨོན། །
རྨས་མནར་ཟུག་ངུ་མྱུར་དུ་ཞི་བར་ཤོག །
འཕགས་ཡུལ་བཀྲ་ལྷུན་གདན་སར་གངས་རིའི་མགོན། །
༧རྒྱལ་མཆོག་ཕྱག་ན་པདྨོ་དབུ་བཞུགས་ཀྱིས། །
ཕྱི་འཁོད་བོད་མི་ཡོངས་དང་ཧི་མ་ལ།
འཛམ་གླིང་གཞུང་དམངས་གདུང་སེམས་མཉམ་བསྐྱེད་ཞུས།
པོཊ་ལེན་གྲོང་འཁྱེར་བོད་མི་འདུ་འཛོམས་ཀྱིས། །
འདས་མཆོད་སྨོན་ལམ་ཤུལ་ལུས་སེམས་གསོ་ཞུ། །
རྨས་སྐྱོན་སེམས་ངལ་འགྱོགས་མྱུར་སེལ་བར་སྨོན། །
ཡིག་དྲུག་བསྔོ་སྨོན་གསོལ་འདེབས་སྙིང་ནས་ཞུས། །
ཁྱེད་རྣམས་ཡིད་སེམས་མ་ཞུམ་མཆོག་གསུམ་ལ། །
བདག་ཅག་ལྷན་དུ་གསོལ་བ་ཕུར་ཚུགས་འདེབས། །
འདས་ཟིན་མུན་ཁྲོད་གཡོལ་ནས་མདུན་བསྐྱོད་ཀྱིས། །
ཁང་ཁྱིམ་ཡུལ་ལུང་འཛུགས་བསྐྲུན་སྔར་དར་ཤོག །
དགེ་བཤེས་བྱམས་པ་མཁས་མཆོག་ནས་སྨོན་འདུན་ཤུགས་དྲག་དང་བཅས་ ༢༠༢༥ ཟླ་བ་ ༡ ཚེས་ ༡༤ ཉིན་ཕུལ།། །།
03/03/2024
PORTLAND TIBETANS IN SOLIDARITY || DEGE 1000 TIBETANS ARRESTED In the past couple of weeks, Chinese authorities have arrested over 1000+ Tibetans simply because they refused to leave their own homes in their own country....
Click here to claim your Sponsored Listing.
Category
Contact the place of worship
Telephone
Address
1901 E Osborn Road
Phoenix, AZ
85016