Samten
23/11/2024
༼ དོ་ནུབ་ཀྱི་ལམ་དུ།། ༽
ཆུ་ཚང་གི་སྡོང་འགྲོགས་ང་རང་ཡིན་ན།།
དབྱར་སྟོན་གྱི་གཞུང་ཆེན་རྒྱུ་ནས་སླེབས་ཀྱིས།།
རྦ་རླབས་ཀྱི་ཤེད་ལ་གློ་བུར་བསམ་བཞིན།།
དེ་རིང་ནས་ཆུ་ཚང་ནང་དུ་འཛུལ་ཡིན།།
གཞུང་ལམ་དུ་བསྐྱོད་དུས་མི་དམངས་ཁྲོད་ཀྱང་།།
ལམ་ཁུག་ལ་རང་གི་དཔའ་བའི་བློ་སེམས།།
ནམ་ཞིག་ན་སེམས་ཁ་ཞེད་གྲབས་འགྱུར་དུས།།
ལྷིང་འཇགས་ཀྱི་སེམས་ལྡན་སྨྲེང་ལ་ངུས་སོ།།
ཁུ་སིམ་སིམ་ལམ་དུ་འགྲོ་གྲབས་བྱེད་ཁད།།
ལྡིང་ལྡིང་གིས་སྒྲ་ཞིག་ཡ་ཀི་ཐོག་ནས།།
བ་སྤུ་སོཊ་ལྡང་ལ་འཇིགས་སྣང་མྱོང་བས།།
རེ་ཞིག་གི་ལུས་དེར་བསྙུངས་ནས་ཡལ་ལོ།།
ཆར་ཆེན་ཞིག་བབས་པའི་གླིང་ག་འདི་རུ།།
དེ་ཉིད་ཀྱི་མཐུ་རྩལ་རྗེས་སུ་བསྙེགས་ནས།།
དངངས་སྐྲག་གིས་གདུང་བའི་ཕོ་སར་འདི་ལ།།
ཟིལ་བ་དག་བདག་གི་ཕུང་པོར་བངས་སོ།།
ཤིང་སྡོང་ཞིག་གཡོ་ནས་ཞེད་ཐག་ཆོད་ཀྱང་།།
གྲིབ་ནག་ལ་བསྡད་དུས་དགའ་ཐག་ཆོད་པ།།
ཉི་མ་ཡི་ཚ་དྲོད་ལུས་སུ་རེག་ན།།
འཇིགས་ཡུལ་འདིར་ཉིད་ཀྱི་སྐྱབས་ཡུལ་མཐོང་གིས།།
མུན་རུབ་སུ་འཇིགས་སྣང་མེད་པ་མོད་ཀྱང་།།
ལྟད་མོ་ཡི་འདྲེ་དེ་གསལ་ལེར་འཆར་བཞག།།
སྙིང་ག་ཡི་གཏིང་ནས་སྟོབས་ཆེན་རྙེད་པས།།
ཕྱིར་སྣང་གི་འཚེར་སྣང་ལར་ནས་མེད་སོང་།།
རྒྱ་ལམ་དུ་ལྡིར་སྒྲ་ཡུད་ཙམ་རྒྱག་ལ།།
རྒྱང་ཁ་ཡི་ས་ཕག་ཁྲོས་ནས་བརྔམས་བྱས།།
ཚིག་འགའ་ཞིག་ཁ་ནས་བཤད་པ་མེད་ཀྱང་།།
རྡོ་རྡུལ་སོཊ་ཁྲོ་བའི་དོད་དུ་འཕེན་བྱུང་།།
༢༠༢༤/༠༩/༢༣ ཉིན་སྦྱར།།
23/11/2024
༼ རྨད་བྱུང་གི་ཚལ།།༽
གདོད་མའི་རིགས་བདག་མཚན་དཔེ་རྫོགས་སར་གནས་ལ།།
ད་ཞག་སེམས་དཔའ་ཆེན་པོ་ཕེབས་སའང་འདི་ལགས།།
ལྷ་ཚོགས་ཐམས་ཅད་མཁའ་རུ་གསེར་ཞལ་ངང་ནས།།
དཔག་བསམ་ལྗོན་གྱི་མེ་ཏོག་འདི་ན་གཏོར་བྱུང་།།
མཚར་བའི་དུས་འདིར་སེམས་དཔའ་ཆེན་པོ་ཕེབས་བྱུང་།།
བདག་ཅག་ལས་ངན་བསྐལ་པ་བཟང་དང་ལྡན་ནོ།།
འུ་ཅག་སོ་སོ་སྐྱེ་བོ་འདི་ལ་དགོངས་ནས།།
བྱམས་སྙིང་ངང་ནས་འོ་སྐོལ་ཁྲོད་དུ་བཞུགས་ཡོད།།
འུ་ཚོའི་བུ་རམ་ཤིང་ལ་སྙིང་དང་བཅར་ཏེ།།
དུས་ཀྱི་ཕྲན་བུ་རེ་ལ་མ་བརྗེད་བརྗེད་མེད།།
སྡུག་པའི་རྩེ་རུ་འདུག་ཀྱང་ཞེ་རྩེའི་ལྷོད་ས།།
འུ་ཚོའི་དཔལ་ལྡན་ཐུབ་བསྟན་བཤད་སྒྲུབ་དགོན་སྡེ།།
ཀློང་ཆེན་དྭངས་ལ་ཡངས་པའི་གྲོང་གསེབ་དམ་པ།།
མཚན་གསོལ་ལུམྦི་ནི་ཡི་བརྗིད་ཉམས་ཆེ་བ།།
གོམ་པ་སྤོ་དུས་རྐང་མཐིལ་ཞིང་ཁམས་ལྗོངས་སུ།།
ང་ཚོའི་གདན་ས་མཐོང་སྣང་ལྷ་ཡུལ་དངོས་ཡིན།།
གསེར་ཏོག་རྒྱ་ཕིབས་འོག་ནས་གླུ་ཞིག་འཐོན་འདུག།།
གྲྭ་ཚང་རིན་པོ་ཆེ་སྟེ་གདངས་དབྱངས་འཐེན་བཞིན།།
བཀའ་དང་བསྟན་བཅོས་འཁྱམས་པའི་གླིང་གར་ཁྲོད་ན།།
ལྷ་དང་སྡོང་འགྲོགས་ཀླུ་ཤིང་མེ་ཏོག་འཕེན་དང་།།
བསོད་ནམས་བརྒྱ་ཕྲག་གཅིག་ཏུ་འཁུར་བའི་ཐེག་པ།།
བདག་ཅག་ལས་ཀྱི་མཐུད་ནས་རླུང་གིས་བསྐྱོད་བཞིན།།
འཛུམ་དང་ལྡན་ནས་གདོན་པ་ཕུད་དུ་གཏང་ཆོག།།
མ་འོངས་འཇལ་བའི་རྟེན་ལ་བློ་ཞིག་གཏད་ཡིན།།
དྲོ་འདི་གང་ནས་ཡོང་བ་ཆོས་ཅན་ཉི་མ།།
འབྲུག་གི་ལྷ་མོ་པདྨ་རླུང་དང་བརྒྱུད་ནས།།
རྟགས་རྟེན་བཟང་ལ་མཁའ་དབྱིངས་བཀྲ་ཤིས་གར་བཞིན།།
ལེགས་སྐྱེས་དེ་རུ་འབྱུང་བའི་སྨོན་ལམ་བཏབ་ཡོད།།
སྒྲུབ་པའི་མཆོད་པ་གསལ་བའི་ཆོས་རར་འདི་ན།།
དད་གུས་ཡིད་ཆེས་བསྔོ་བ་ཟུང་དུ་དྲིལ་ནས།།
སྟོན་པ་ཐུབ་པའི་དབང་གི་སྟོང་སྐུར་བཞེངས་ཏེ།།
གྲུབ་པའི་སྐབས་སུ་འབབས་པའི་བདག་གི་ཆོས་སྡེ།།
ཉི་མར་ལྡེ་བའི་ཡུལ་ཁམས་སུ།།
རྣམ་འདྲེན་ཐུབ་པ་བྱོན་ཙ་ན།།
བདུད་རྩི་ཆར་ཐིགས་ནམ་ཟླ་བཟང་།།
གནས་ཆེན་འདི་རུ་ག་ལེར་ཟགས།།
ནམ་མཁའི་རླུང་ལ་བྲོ་ཡོད་ན།།
ཞལ་ཟས་རོ་མཆོག་གཙང་ཤོས་ཤིག།།
བསྟོད་པའི་ཚིག་དང་འཕྱང་གིས་ནས།།
སྟོན་པ་ཉིད་ལ་ཕུད་དུ་མཆོད།།
དེ་རིང་སྟེ། བདག་ཅག་རྣམས་ཀྱི་སྟོན་པ་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པ་ཐམས་ཅད་མཁྱེན་པ་རྒྱལ་བ་གཟིགས་པ་ཆེན་པོ་མཆོག་ལྷ་ཡུལ་སུམ་ཅུ་རྩ་གསུམ་ན་ཡུམ་དམ་པ་ལ་ཆོས་འཆད་པའི་མཛད་འཕྲིན་གནང་ནས་སླར་མི་ཡུལ་དུ་ཕེབས་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་པ་དང་འབྲེལ་བདག་ཅག་གི་དཔལ་ལྡན་རྩ་བླ་༧སྐྱབས་རྗེ་ཀརྨ་བསམ་གཏན་ཡོངས་འདུ་ཆོས་ཀྱི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་མཆོག་གི་ཡབ་དམ་༧སྐྱབས་རྗེ་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེའི་དགོངས་གཞི་ལྟར་མཛད་པའི་ཆོས་སྡེ་ཆེན་མོ་དཔལ་ཐུབ་བསྟན་བཤད་སྒྲུབ་གླིང་གི་མཛད་འགོའི་ཉིན་ལ་དུས་ཡ་མཚན་པ་ཞིག་ཡིན་པས་གདུལ་བྱ་ང་རང་ལ་ཚོད་ན་དགའ་བ་ཁོ་ནའི་དགང་བ་ཡོད་དེ་མ་འོངས་པ་མཇལ་བའི་རེ་བ་དང་སྨོན་ལམ་འདེབས་བཞིན་ཡོད།།
དཔལ་བཀའ་རྙིང་བཤད་སྒྲུབ་གླིང་གྲྭ་ཚང་གི་སློབ་ཕྲུག་པ་བསམ་གཏན་ཤེས་རབ་སུ་འབོད་པ་གང་དེས་ཕྱི་ལོ་༢༠༢༤ ཟླ་བ་ ༩ ཚེས་ ༢༢ ཉིན་སྦྱར་བ་དགེའོ།། །།
10/09/2023
༄༅། །དཔལ་བཀའ་རྙིང་བཤད་སྒྲུབ་གླིང་དུ་སངས་རྒྱས་ཡེ་ཤེས་ཆེས་མཐོ་བཤད་གྲྭའི་སློབ་གཉེར་བ་ཡོངས་ནས་ལོ་རེ་བཞིན་མཁས་པའི་གཞིའམ་བྱ་བ་གཙོ་བོ་འཆད་རྩོད་རྩོམ་གསུམ་གྱི་རིམ་པ་ཡོད་པ་ལས། ད་ལོ་རྩོམ་གྱི་དུས་ལ་ཐུག་ཅིང་། དེའི་སྐབས་ཀྱི་དཔར་འགའ་ཞིག་སྤྱན་འབུལ་ཞུ་རྒྱུ་ཡིན།
ཕྱག་ཆེན་སྨོན་ལམ་ལས།
ལུང་རིག་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ། །
མན་ངག་བསམ་པས་ཐེ་ཚོམ་མུན་ནག་བཅོམ། །
སྒོམ་བྱུང་འོད་ཀྱིས་གནས་ལུགས་ཇི་བཞིན་གསལ། །
ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་ཤོག །
Please enjoy these photos of Ka-Nying Sherdrub Ling Monastery’s Sangye Yeshe Shresta of Higher Learning students participating in this year’s presentation of written essays, from among in the three scholarly virtues of exposition, debate, and composition.
05/01/2023
རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ས་ན་ཡོད་པའི་གནས་ཆེན་ཁག་གསུམ་དང་བལ་པོའི་ཕྱོགས་མཚམས་སུ་ལྡན་པའི་གནས་ཆེན་གཅིག་སྟེ་ནང་པའི་གནས་ཆེན། བྱ་རྒོད་ཕུང་པོ་རི། ཝཱ་རཱ་ཎ་སི། རྩ་མཆོག་གྲོང་། ལུམ་བིའི་ཚལ། དང་བཅས་པ་རུ་མཇལ་སྐོར་གྱི་བར་གསེང་དུ་བླངས་པའི་དཔར་འགའ་ཞིག
དཔར་པ། བསམ་གཏན་ཤེས་རབ།
We visited the most very sacred places༼lumbini༽ the birthplace of lord Buddha.༼bodhgaya༽ it is where Buddha become enlightened. ༼varanasi༽ 1st turning of the wheel of dharma the four noble truths to Buddha’s five disciples.༼kushinagar ༽ where buddha passed into mahaparinirvana.💫 holiness places like༼ grdhrakuta༽ second turning of the wheel of dharma. e.t.c
PC= samten sherab.
11/08/2022
.official dai!💪🏻❤️ fhor ayexa re 😩😂😂👀✌️✌️
14/06/2022
འདི་རིང་ལྷ་བབས་དུས་ཆེན་གྱི་ཚེས་ ༡༥/ ཉིན་འདི་གའི་དཔལ་བཀའ་རྙིང་བཤད་སྒྲུབ་གླིང་དགོན་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ཐུགས་རྗེ་ཆེན་པོ་པདྨ་གར་དབང་འཚོག་པའི་སྐབས་ཀྱི་བརྙན་དཔར་འགའ་ཞིག
Click here to claim your Sponsored Listing.
Category
Contact the business
Telephone
Address
Baudha