Yeshe Wodsal Sherab Raldriling School
12/05/2026
༄༅། །དེ་ཡང་རྣམ་གླིང་གཞི་རིམ་སློབ་གྲྭའི་དགེ་སློབ་ཡོངས་ནས་ཟླ་བ་བྱུང་ངོ་ཅོག་གི་ཚེས་ཉི་ཤུ་ལྔ་མཁའ་འགྲོའི་དུས་ཆེན་གྱི་ཉིན་རྒྱུན་ལྡན་དུ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པས་མཛད་པའི་ ༼ དཀར་གསུར་ཞིང་ཁམས་ཀུན་ཁྱབ་༽ ཅེས་པའི་ཆོ་གའི་སྒོ་ནས་གསུར་མཆོད་ཕུལ་སྲོལ་ཡོད་པ་བཞིན། དེ་རིང་རེས་གཟའ་མིག་དམར་དགོང་མོ་ཕྱག་ཚོད་ ༧ ཐོག་ལ་རྣམ་གླིང་གཞི་རིམ་སློབ་གྲྭའི་དགེ་སློབ་ལྷན་འཛོམས་ཀྱིས་སྐྱེ་འགྲོ་སྤྱི་དང་འབྲེལ་ཡོད་ཀྱི་སྦྱིན་པའི་བདག་པོ་རྣམས་ཀྱི་བར་ཆད་སེལ་བ་དང་། གདོན་བགེགས་ཞི་བ། ལན་ཆགས་བུ་ལོན་སྦྱོང་བ་སོགས་ཀྱི་ཆེད་དུ་དཀར་གསུམ་མངར་གསུམ་སོགས་ཀྱི་སྒོ་ནས་མགྲོན་བཞི་ལ་མཆོད་སྦྱིན་བཏང་ཡོད།
(White sur Offering Ceremony at Namling Primary School)
In accordance with tradition, the students and teachers of Namling Primary School offer white sur prayers on the 25th day of each Tibetan lunar month—known as Dakini Day—through the ritual “The White Sur Offering That Permeates All Realms,” composed by the omniscient Rigzin Jigme Lingpa.
This evening, Tuesday at 7:00 PM, the teachers and students gathered together to perform this offering. During the ritual, offerings were made to the Four types of Guests:
1. Guests invited out of respect — the Three Jewels,
2. Guests invited on account of their qualities — the Dharma protectors,
3. Guests of the six classes, invited out of compassion,
4. Guests to whom we owe karmic debts.
The offerings included three white offerings (curd, milk and butter) and three sweet offerings (Sugar, molasses and honey).
This practice was carried out with the intention of removing obstacles for all sentient beings and benefactors, pacifying harmful spirits and negative influences, and purifying previously accumulated karmic debts.
03/05/2026
དེ་ཡང་སྤྱིར་སྐྱེ་འགྲོ་ཀུན་དང་ཁྱད་པར་རྒྱལ་བ་དཔལ་ཡུལ་བའི་བསྟན་པའི་མངའ་བདག་ ༸སྐྱབས་རྗེ་རིན་པོ་ཆེ་རྣམ་པ་གཙོས་པའི་རིས་མེད་ཀྱི་སྐྱེས་ཆེན་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་གེགས་མེད་ཡིད་བཞིན་གྲུབ་པ་དང་། སྒོས་སུ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དང་དེའི་ཡན་ལག་རྣམ་གླིང་གཞི་རིམ་སློབ་གྲྭ་འདིའི་ཕྱི་ནང་གསང་གསུམ་གྱི་བར་ཆད་ཐམས་ཅད་ཞི་ནས་འཁོར་ལོ་གསུམ་གྱི་བྱ་བ་རྣམས་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བ་དང་། དེ་བཞིན་རྒྱལ་ཕྱི་ནང་གང་སར་བཞུགས་པའི་དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱི་བསམ་དོན་ཆོས་བཞིན་གྲུབ་པའི་ཆེད་དུ་ལོ་ལྟར་བཞིན་ཉིན་གསུམ་གྱི་རིང་ཞབས་རིམ་སྒྲུབ་སྲོལ་ཡོད་པ་ལས། དེ་རིང་བོད་ཚེས་ ༡༧ དང་ ༡༨ ཉིན་གཉིས་རིང་། ཀློང་ཆེན་སྙིང་གི་ཐིག་ལེ་ལས་མ་མོ་འཁྲུགས་སྐོང་འབུམ་ཚར། ཙིའུ་དམར་འབུམ་ཚར་དང། གདུགས་ཤེར་སེང་གསུམ། བར་བསམ་སྒྲོལ་གསུམ། བོད་ཚེས་ ༡༩ ཉིན། ཚེ་ཆོག་འཆི་བསླུ་བཅས་ཀྱི་ཞབས་རིམ་བསྒྲུབ་རྒྱུ་གཏན་ཁེལ་བ་བཞིན།
དེ་རིང་བོད་ཚེས་ ༡༧ རེས་གཟའ་ཉི་མའི་ཞོགས་པ་ཆུ་ཚོད་བདུན་པ་ནས་འཛིན་གྲྭ་བཞི་པ་ཡན་ཆད་སྙིང་ཐིག་གསོལ་ཁ་དང་། གསུམ་པ་མན་ཆད་བར་བསམ་སྒྲོལ་གསུམ་གདུགས་ཤེར་སེང་གསུམ་འཚོག་བཞིན་པའི་བརྙན་པར་ཟུར་གཅིག
In accordance with established tradition, and for the long life and successful fulfillment of the aspirations of all sentient beings—especially the throne holder of the Palyul lineage, led by His Holiness Kyabje Rinpoche, together with other great non-sectarian masters—a three-day annual prayer ritual is being conducted.
This sacred observance is dedicated to dispelling all outer, inner, and secret obstacles facing Thegchok Namdrol Shedrub Dargye Ling Monastery and its branch, Namling Primary School. May the noble activities of the three wheels—study, contemplation, and meditation—flourish and expand like the waxing moon. May all virtuous aspirations of faithful sponsors and benefactors, both within the country and abroad, be swiftly and perfectly fulfilled.
This year, on the 17th and 18th days of the Tibetan calendar, a series of profound rituals are being performed, including:
The Prayer for Pacifying the Turmoil of the Mamos, Offering Prayer to Tsiu Marpo, from the Longchen Nyingthig (Heart-Essence of the Vast Expanse) and
Dukkar (texts related to Sitātapatrā, the “White Parasol”),
Sherab Nyingpo (The Heart Sūtra),
Sengdong (texts related to Siṃhamukhā),
Barche Lamsel (The Prayer that Removes All Obstacles from the Path),
Sampa Lhundrup (The Prayer to Guru Rinpoche that Spontaneously Fulfills All Wishes),
Dolma (Praises to Tara).
On the 19th day of the Tibetan calendar, the Tse Chok Chi Lu (Long Life Puja of the Ratna Lingpa tradition) will be performed as scheduled.
Today, on the 17th day of the Tibetan calendar, at 7:00 a.m., the Longchen Nyingthig (Heart-Essence of the Vast Expanse) ritual is being conducted, as shown in the accompanying photo.
11/04/2026
༄༅། །དེ་ཡང་སྤྱི་ཟླ་ ༤ ཚེས་ ༡༡ རེས་གཟའ་སྤེན་པའི་ཞོགས་པར་རྣམ་གླིང་གཞི་རིམ་སློབ་གྲྭའི་རྒྱུན་ལས་རྙིང་པ་རྣམས་དང་འདི་ལོའི་རྣམ་གླིང་གཞི་རིམ་སློབ་གྲྭའི་རྒྱུན་ལས་གསར་པ་གཙོས་པའི་མཁན་སློབ་དགེ་བའི་བཤེས་གཉེན་ལྷན་འཛོམས་ཀྱིས་ཉམས་མྱོང་བརྗེ་ལེན་གྱི་ཚོགས་འདུ་འཚོགས་ཡོད།
On the morning of Saturday, April 11, a meeting for the exchange of experiences was held at Namling Primary School in the presence of the former faculty members, along with the newly appointed staff and Lopens of this academic year, who gathered to share their insights and experiences.
Click here to claim your Sponsored Listing.
Category
Contact the school
Telephone
Website
Address
Namdroling Monastery (Golden Temple), Bylakuppe
Mysore
571104