Paro Chumphu
27/05/2026
༉ འཛམ་གླིང་རྒྱལ་སྤྱིའི་སྐུ་རིམ་འབུམ་དག་ཚར་ཆེན་མོ་འདི་རང་ཟླ་༤.པའི་ཚེས་༡༣.ལས་ལྗགས་ཀློག་གནང་ནི་འགོ་བཙུགས་ཨིན་ལས།
ཉིན་གྲངས་ ༣ གྱི་རིང་སྤ་རོ་ཆུ་མོ་ཕུག་བླམ་གིས་དབུས་གཙོས་དགེ་འདུན་པ་ཞལ་གྲངས་ ༡༦་ ལྷག་ཙམ་གྱི་ས་ག་ཟླ་བའི་དུས་ཆེན་དང་འབྲེལ། ང་བཅས་ར་འབྲུག་མི་ཡོངས་ཀྱི་བསོད་ནམས་དགེ་བའི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་བཀའ་དྲིན་མཚུངས་པ་མེད་པ་སྤྱི་གཙུག་གི་ཉིན་ཟླ་མི་དབང་ཡབ་མེས་སྲས་གསུམ་གྱི་དབུ་གཙོས་པའི། མི་དབང་རྒྱལ་བཙུན་སྐུ་འཁོར་ལྷན་རྒྱས་ཀྱི་སྐུ་བསོད་མངའ་ཐང་དར་ཞིང་རྒྱས་ཏེ། ཐུགས་དོན་འབད་མེད་ལྷུན་གྱིས་འགྲུབ་ནི་དང་། འབྲུག་མི་ཡོངས་ཀྱི་དབུ་ལྷ་རྗེ་མཁན་པོ་ཁྲི་རབས་༧༠་མཆོག་གི་དབུ་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་ཐམས་ཅད་སྐུ་ཚེ་བརྟན་ཅིང་། མཛད་འཕྲིན་ཕྱོགས་མེད་པའི་རྒྱས་ནི་དང་། རྒྱལ་ཁབ་མཐའ་དབུས་མེད་པའི་མི་སེར་ཚུ་གི་འགལ་རྐྱེན་བར་ཆད་དབྱིངས་སུ་ཞི་ནི་དང་། འཛམ་གླིང་སྐྱེ་འགྲོ་ཡོངས་ལུ་གནོད་པའི་ནད་ཡམས་དམག་འཁྲུག་གི་འཇིགས་པ་ཚུ་ཞི་བའི་ཐབས་ལུ་དམིགས་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཞེས་བྱ་བ་སངས་རྒྱས་ཤཱཀྱ་ཐུབ་པས་བྱ་རྒོད་ཕུང་པོའི་རི་དང་རྒྱལ་པོའི་ཁབ་སོགས་སུ་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་ཟབ་མོ་སྟོང་ཉིད་ཀྱི་ཆོས་རྣམས་ཤཱ་རིའི་བུ། རབ་འབྱོར། བརྒྱ་བྱིན་སོགས་ལ་དྲིས་ལན་གྱི་ཚུལ་དུ་གསུངས་པའི་ཤེར་ཕྱིན་གྱི་མདོ་སྡེ་རྒྱས་པ་ཤོ་ལོ་ཀ་འབུམ་པོ་ཏི་༡༦་ཡོངས་རྫོགས་དག་ཚར་ལྷག་གནང་ནི་ཨིནམ་ལས་དད་ལྡན་རྣམས་དང་ལྷག་པར་སྤ་རོ་དོས་སྟེང་རྒེད་འོག་གི་མི་སེར་ཡོངས་ཐུགས་སྨོན་གནང་ཁོམ་ཡོད་ན་འབྱོན་གནང་ཟེར་ཞུ་ནི་ཨིན་ལགས།
As for the world peace and for the welfare of Bhutan in particular, around 16 monks are reciting Bum sixteen volumes for the duration of three days starting from today.
We wish our aspirations reach throughout the globe.
བླ་མ་རང་གི་ཞུ་བ་ཕུལ་བ་བཞིན་དུ་ དྲགོས་རྫོང་བདག་མཆོག་གི་ ཐུགས་ཀྱི་སེམས་ཁྲལ་མཛད་དེ་ ཆུམ་ཕུག་གནས་ཀྱི་ གསང་ཆབ་ཀྱི་ལས་འགུལ་འདི་འགོ་བཙུག་ཏེ་ཡོདཔ་ལས་ ལས་འགུལ་འདི་གྲུབ་འབྲས་ཅན་ཅིག་ལུ་འགྱོ་འོང་མནོ་བའི་རེ་སྨོན་དང་བཅས་ དྲགོས་རྫོང་བདག་མཆོག་གིས་ངོས་ལེན་མཛད་གནང་མི་འདི་ལུ་ སྙིང་ཐག་པ་ནས་བཀྲིན་ཆེ་ལགས།
As requested and submitted to your Excellency,
Your Excellency the Dasho Dzongda has kindly taken this matter to heart and initiated the project of toilet at Chumphu nay. With sincere hopes and prayers that this project will be successfully completed and bring meaningful results, I would like to express my heartfelt gratitude to Your Excellency the Dasho Dzongda for his kind acceptance and support.
ཞབས་དྲུང་སྐུ་མཆོད་ཀྱི་དོན་ལུ་ ནངས་པ་ རང་ཟླ་༣ པའི་ཚེས་༡༠ ལུ་ ཞབས་དྲུང་དག་སྣང་གི་གསུང་ཆོག་དང་ འཇིག་རྟེན་དབང་ཕྱུག་བསག་ནི་ཨིན།
The Zhabdrung Dak-Nang ritual and Jigten Wangchuk recitation will be starting from tomorrow, for the annual Zhabdrung Kuchoe .
Click here to claim your Sponsored Listing.
Category
Contact the place of worship
Telephone
Website
Address
Paro