Ngagyur Rigzod Editorial Committee
07/04/2026
གསལ་བསྒྲགས།
རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཞུ་རྒྱུར། ཕྱི་ལོ་ ༢༠༢༥ ལོའི་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་རྒྱལ་སྲིད་སྣ་བདུན་གྱི་གྲངས་ལྡན་རྒྱལ་བ་ཀློང་ཆེན་པའི་གསུང་འབུམ་ལས་རིན་ཆེན་མཛོད་བདུན་པར་གྲངས་བཞི་བརྒྱ་སྟེ། སྟོད་སྨད་བརྩིས་པའི་དེབ་གྲངས་བརྒྱད་ཀྱི་བདག་ཉིད་ཅན་ཁྱོན་རྐང་གྲངས་ ༣༢༠༠ ཐམ་པ་པར་སྐྲུན་བྱས་ཏེ། རྒྱ་ཆེའི་ཀློག་པ་པོ་རྣམ་པར་སྤྱན་འབུལ་ཞུ་ཐུབ་པ་ནི་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་བསྔོ་ཆོག་པ་ཡིན། རེད་དེ་ད་ལྟའི་ཆར་ཡོངས་སུ་རྫོགས་པ་དོན་གཉེར་ཅན་ཚོས་བླུ་ཡོན་ཞུས་ཚར་ཏེ་འདི་གར་དེབ་རྐང་གཅིག་ཀྱང་མེད་པས་དེ་དོན་ཐུགས་ལ་འཇགས་པར་འཚལ།
གཞན་ཡང་ལས་གཞི་དེར་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་འབད་པ་བྱས་ནས་སྔར་གྱི་ཡིག་ཆ་ཁུངས་ལྡན་དག་ལ་གཞི་བཅོལ་ཏེ་ནོར་འཁྲུལ་ཅུང་ཉུང་དུ་བཏང་བའི་ཁུལ་ཡིན་མོད། ད་དུང་ནོར་འཁྲུལ་རིགས་ཡོད་ངེས་བདེན་ལགས་པས་བརྡ་སྤྲོད་རིགས་ལ་ཅུང་རྒྱུས་མངའ་ཅན་ཚོས་གཟིགས་པ་སོགས་བྱུང་ཚེ་འདི་གར་འབྲེལ་བ་གནང་རོགས་ཞུ།
05/04/2026
དམིགས་བསལ་ཐུགས་རྗེ་ཆེ་ཞུ།
སློབ་དཔོན་སངས་རྒྱས་བསྟན་འཛིན་ནི་བོད་མདོ་ཁམས་ཉག་རོང་སྨད་རྨ་རི་སྡེ་བའི་ཁྱིམ་མིང་ཨ་བཀྲ་ཚང་གི་ཕ་མཁས་གྲུབ་དང་མ་ཚེ་རིང་ལྷ་མོ་གཉིས་ཀྱི་བུར་སྐྱེས། ཆུང་དུས་སུ་མཚོ་ཁ་ཨཱརྱ་གླིང་དུ་ཁུ་བོ་ཚེ་བསོད་མདུན་ནས་ཡི་གེ་འབྲི་ཀློག་སྦྱངས། བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཁུ་བོ་མཁན་པོ་པདྨའི་མདུན་ནས་འདུལ་བ་དང་སུམ་རྟགས་སོགས་སྦྱངས་ཤིང་། ༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་སྐུ་མདུན་ནས་གསུང་ཆོས་བདུད་རྩི་ཟབ་མོ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ། ཕྱི་ལོ་ ༢༠༡༡ ལོར་ྋསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་འཛུལ་ཞུགས་གནང་སྟེ་སློབ་གཉེར་བའི་སྐབས་སུ་དགེ་སྐོས་ལས་རོགས་དང༌། སྐྱོར་དཔོན་གྱི་ལས་འགན་ཁུར། ལོ་རིམ་བདུན་པའི་སྐབས་སུ་འཆད་རྒྱུགས་ལ་ཨང་ཚད་དང་པོ་དང༌། ལོ་རིམ་བརྒྱད་པའི་སྐབས་རྩོམ་ཤོག་དམ་བཅར་བསྡད་རྒྱུའི་གོ་སྐབས་ཐོབ། སློབ་མཐར་ཕྱིན་རྗེས་སྔ་འགྱུར་མཐོ་སློབ་ཆེན་མོའི་བཀའ་བཞིན་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དུ་ལོ་གཅིག་གི་རིང་ལ་དཔེ་ཁྲིད་དང་ཡིག་རྒྱུགས་དོ་དམ་པའི་ལས་གནས་དང༌། དེ་བཞིན་རྒྱུན་ལས་རིན་པོ་ཆེའི་བཀའ་ལྟར་ཕྱི་ཕྱོགས་སུ་དགོན་སྡེ་ཁག་ལ་དགེ་རྒན་ཞབས་ཏོག་ལོ་གཅིག་ཞུས། ཕྱི་ལོ་ ༢༠༢༢ ལོར་མཚོ་རྒྱལ་ཐོས་བསམ་དགའ་བའི་ཚལ་དུ་ལོ་གཅིག་དང༌། ཕྱི་ལོ་ ༢༠༢༣ ནས་བཟུང་ད་ལྟའི་བར་སྔ་འགྱུར་མཐོ་སློབ་ཆེན་མོར་དཔེ་ཁྲིད་ཀྱི་ཕྱག་ལས་གནང་བཞིན་པ་བཅས་ལོ་རྒྱུས་མདོ་ཙམ་མོ། །ད་ལན་སློབ་དཔོན་མཆོག་གིས་ཀུན་མཁྱེན་ཀློང་ཆེན་པའི་གསུང་འབུམ་ལས་མཛོད་ཆེན་བདུན་པར་སྐྲུན་གྱི་འགྲོ་གྲོན་ཡོངས་སུ་རྫོགས་པ་གནང་བར་ངེད་རྩོམ་སྒྲིག་པས་ཀློག་པ་པོ་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ་སློབ་དཔོན་མཆོག་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་ཡིན།
01/01/2026
ཕྱི་ལོ་ ༢༠༢༥ ལོའི་དུས་དེབ་པདྨའི་རང་མདངས་འདོན་ཐེངས་ཕྱི་མའི་དཀར་ཆག
11/12/2025
དེབ་གསར་འགྲེམས་བརྡ།
ཕྱི་ལོ་ ༢༠༢༥ ལོའི་དུས་དེབ་པདྨའི་རང་མདངས་འདོན་ཐེངས་ཕྱི་མ་དང་དཔལ་ཡུལ་དུས་བབ་གཉིས་པར་སྐྲུན་ལེགས་པར་གྲུབ་སྟེ། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཐོན་ཡོད་པས་དགྱེས་གཟིགས་ཡོང་བར་ཞུ།
སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས། ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ཚེས་ ༡༡ ཉིན།
Click here to claim your Sponsored Listing.
Category
Contact the business
Telephone
Website
Address
Opening Hours
| Monday | 5pm - 6pm |
| 8:30pm - 9:30pm | |
| Tuesday | 5pm - 6pm |
| 8:30pm - 9:30pm | |
| Wednesday | 5pm - 6pm |
| 8:30pm - 9:30pm | |
| Thursday | 5pm - 6pm |
| 8:30pm - 9:30pm | |
| Friday | 5pm - 6pm |
| 8:30pm - 9:30pm | |
| Saturday | 8:30am - 10:30am |
| Sunday | 7:30pm - 9:30pm |